00:32:00
to be answered :
63
བརྡ་སྤྲོད།
ཡི་གེ
༓ དབྱངས།
༓ གསལ་བྱེད།
ཚིག་ཕྲད།
༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
༓ ཕྲད་རང་དབང་ཅན།
རྩ་ཚིག
ལེགས་བཤད་ལྗོན་དབང་།
དཀའ་གནད་གསལ་བའི་མེ་ལོང་།
བྱིས་པ་དག་ཡིག
སུམ་ཅུ་པའི་རྩ་བ།
རྟགས་ཀྱི་འཇུག་པའི་རྩ་བ།
ཆུའི་བསྟན་བཅོས་ཀྱི་རྩ་བ།
ཤིང་གི་བསྟན་བཅོས་ཀྱི་རྩ་བ།
བསྡུས་གྲྭའི་སྡོམ་ཚིག
དགེ་ལྡན་ལེགས་བཤད།
བཤེས་སྤྲིངས་ཀྱི་རྩ་བ།
ས་སྐྱ་ལེགས་བཤད་ཀྱི་རྩ་བ།
དྲི་བ་དྲི་ལན།
བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
དཀའ་གནད་དྲི་བ་དྲི་ལན།
སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
ཆོས་འབྱུང་ཀུན་བཏུས།
ནང་ཆོས།
སྐྱབས་འགྲོ
སྒྲོལ་མ་ཉེར་གཅིག
ལས་འབྲས།
ལྷ་དང་ཡི་དམ།
བློ་སྦྱོང་ཚིགས་བརྒྱད་མ།
མཎི་ཡིག་དྲུག
ཡ་རབས་སྤྱོད་བཟང་སྐོར།
ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
བདེན་པ་གཉིས་ངོ་སྤྲོད།
བདེན་པ་བཞི་ངོ་སྤྲོད།
དུས་ཆེན།
བཅོ་ལྔ་མཆོད་པ།
གསུམ་བཅུའི་དུས་དྲན།
ས་ག་ཟླ་བ།
འཁྲུངས་སྐར་དུས་ཆེན།
མང་གཙོ་དུས་ཆེན།
ལྷ་བབས་དུས་ཆེན།
ངན་པ་དགུ་འཛོམས་དང་བཟང་པོ་
ཆོས་འཁོར་དུས་ཆེན།
འཛམ་གླིང་སྤྱི་བཟང་།
བོད་ཀྱི་ལོ་གསར།
སྤྱིར་བཏང་ཤེས་བྱ།
པཎ་སྒྲུབ་བཅུ་བདུན།
མཚན་སྔགས།
ཞེ་སའི་ཚིག་མཛོད།
གཏམ་དཔེ།
དར་ལྕོག
རི་དྭགས་ཆོས་འཁོར།
རླུང་རྟ།
རྒྱལ་སྲིད་སྣ་བདུན།
སྲིད་པའི་འཁོར་ལོ།
བཀྲ་ཤིས་རྟགས་བརྒྱད།
བཀྲ་ཤིས་རྫས་བརྒྱད།
དུས་ཚོས་སྐར་མ་ ༣༢ ཡོད།
རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།
དྲི་བ་ ༦༣ ཡོད།
༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་བོད་དབྱིན་ཐོག་རང་རྣམ་ཞིག་ལྗགས་རྩོམ་གནང་ཡོད་པ་དེའི་མཚན་ལ་གང་ཞུའམ།
ཀ༽ རྣམ་ཐར་དད་པའི་ཡིད་འཕྲོག་ཞུ་ཡི་ཡོད།
ཁ༽ ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་ཞེས་ཞུ་ཡི་ཡོད།
ག༽ རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞུ་ཡི་ཡོད།
ང༽ རྣམ་ཐར་དད་ལྡན་པད་ཚལ་བཞད་པའི་ཉིན་བྱེད་ཞུ་ཡི་ཡོད།
༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྤྱི་ལོ་ཟླ་ཚེས་གང་གི་ལོར་འཁྲུངས་སམ།
ཀ༽ སྤྱི་ལོ་ ༡༩༣༥ ཕྱི་ཟླ་༧ ཚེས་༠༦ ཉིན་སྐུ་འཁྲུངས།
ཁ༽ སྤྱི་ལོ་ ༡༩༣༧ ཕྱི་ཟླ་༦ ཚེས་༠༦ ཉིན་སྐུ་འཁྲུངས།
ག༽ སྤྱི་ལོ་ ༡༩༣༤ ཕྱི་ཟླ་༦ ཚེས་༠༧ ཉིན་སྐུ་འཁྲུངས།
ང༽ སྤྱི་ལོ་ ༡༩༣༦ ཕྱི་ཟླ་༧ ཚེས་༠༦ ཉིན་སྐུ་འཁྲུངས།
༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་འཁྲུངས་ཡུལ་ཆོལ་གསུམ་གང་གི་ཁོངས་སུ་གཏོགས། ས་གནས་གང་དུ་སྐུ་འཁྲུངས་སམ།
ཀ༽ མདོ་སྨད་སྐུ་འབུམ་དུ་སྐུ་འཁྲུངས།
ཁ༽ མདོ་སྟོད་མི་ཉག་མགར་ཐར་དུ་སྐུ་འཁྲུངས།
ག༽ མདོ་སྨད་སྟག་འཚེར་ཞེས་པར་སྐུ་འཁྲུངས།
ང༽ མདོ་སྟོད་ལི་ཐང་དུ་སྐུ་འཁྲུངས།
༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་མ་གནང་གོང་སྐུ་ན་ཕྲ་བའི་སྐབས་མཚན་ལ་གང་ཞུ་གི་ཡོད་དམ།
ཀ༽ ལྷ་མོ་བཀྲིས་ཞུ་ཡི་ཡོད།
ཁ༽ ལྷ་མོ་དོན་གྲུབ་ཞུ་གི་ཡོད།
ག༽ ལྷ་མོ་སྐྱབས་ཞུ་ཡི་ཡོད།
ང༽ ལྷ་མོ་བུ་ཞུ་ཡི་ཡོད།
༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་ག་བཞི་པའི་ཡབ་ཡུམ་གཉིས་སུ་ཁྱོན་བསྡོམས་ཨ་བ་ག་ཚོད་འཁྲུངས་ཡོད་དམ།
ཀ༽ ཁྱོན་བསྡོམས་ཨ་བ་བཅུ་གཉིས་འཁྲུངས་ཡོད།
ཁ༽ ཁྱོན་བསྡོམས་ཨ་བ་དགུ་འཁྲུངས་ཡོད།
ག༽ ཁྱོན་བསྡོམས་ཨ་བ་བཅུ་འཁྲུངས་ཡོད།
ང༽ ཁྱོན་བསྡོམས་ཨ་བ་བཅུ་དྲུག་འཁྲུངས་ཡོད།
༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འཚོ་ཞིང་བཞུགས་པའི་གཅེན་གཅུང་སྐུ་ན་བགྲེས་ཤོས་སུ་ཡིན་ནམ།
ཀ༽ སྐུ་ན་བགྲེས་ཤོས་སྟག་འཚེར་རིན་པོ་ཆེ་ཡིན།
ཁ༽ སྐུ་ན་བགྲེས་ཤོས་རྒྱལ་ལོ་དོན་གྲུབ་ཡིན།
ག༽ སྐུ་ན་བགྲེས་ཤོས་བློ་བཟང་བསམ་གཏན་ཡིན།
ང༽ སྐུ་བགྲེས་ཤོས་ྋརྒྱལ་བ་རིན་པོ་ཆེ་ཡིན།
༧༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡབ་ཡུམ་རྣམ་གཉིས་ལ་མཆོག་སྤྲུལ་ག་ཚོད་འཁྲུངས་སམ།
ཀ༽ མཆོག་སྤྲུལ་གསུམ་འཁྲུངས།
ཁ༽ མཆོག་སྤྲུལ་བཞི་འཁྲུངས།
ག༽ མཆོག་སྤྲུལ་ལྔ་འཁྲུངས།
ང༽ མཆོག་སྤྲུལ་གཉིས་འཁྲུངས།
༨༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡབ་ཡུམ་གྱི་མཚན་གང་ཡིན་ནམ།
ཀ༽ ཡབ་བཀྲ་ཤིས་བསྟན་འཛིན་དང་ཡུམ་ཚེ་དབང་ལྷ་མོ།
ཁ༽ ཡབ་ཆོས་སྐྱོང་དོན་གྲུབ་དང་ཡུམ་བདོ་སྐྱིད་ལྷ་མོ།
ག༽ ཡབ་ཚེ་རིང་ཕུན་ཚོགས་དང་ཡུམ་བདེ་ཆེན་མཚོ་མོ།
ང༽ ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་།
༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་རྣམ་གྱི་ཕྱག་དེབ་དེ་བཞིན་ལྗགས་རྩོམ་ག་དུས་གནང་ཡོད་དམ།
ཀ༽ སྤྱི་ལོ་ ༡༩༧༢ ལོར་ལྗགས་རྩོམ་གནང་།
ཁ༽ སྤྱི་ལོ་ ༡༩༦༢ ལོར་ལྗགས་རྩོམ་གནང་།
ག༽ སྤྱི་ལོ་ ༡༩༧༣ ལོར་ལྗགས་རྩོམ་གནང་།
ང༽ སྤྱི་ལོ་ ༡༩༧༥ ལོར་ལྗགས་རྩོམ་གནང་།
༡༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གཅེན་མོ་དེ་ཉིད་ཀྱི་མཚན་གང་ཡིན་ནམ།
ཀ༽ ྋསྐུ་ཡི་གཅེན་མོ་ཚེ་རིང་དབང་མོ་ལགས་ཞུ།
ཁ༽ ྋསྐུ་ཡི་གཅེན་མོ་ལྷ་མོ་ཚེ་རིང་ལགས་ཞུ།
ག༽ ྋསྐུ་ཡི་གཅེན་མོ་ཚེ་རིང་འཚོ་མོ་ལགས་ཞུ།
ང༽ ྋསྐུ་ཡི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་ཞུ།
༡༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངོས་འཛིན་སླད་དུ་ལྷ་མོའི་བླ་མཚོར་མཚོ་གཟིགས་ཕེབས་གནང་མཁན་གཙོ་བོ་སུ་ཡིན་ནམ།
ཀ༽ སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན།
ཁ༽ རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ཡིན།
ག༽ རྩ་དྲུང་བློ་བཟང་ཚེ་དབང་ཡིན།
ང༽ ཀེའུ་ཚང་བླ་མ་ཡིན།
༡༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡབ་ཡུམ་གཉིས་ཀྱི་འཚོ་བའི་རྟེན་གཞི་གང་ཡིན་ནམ།
ཀ༽ སོ་ནམ་པ་ཡིན།
ཁ༽ འབྲོག་པ་ཡིན།
ག༽ སྡེ་དཔོན་ཡིན།
ང༽ གོང་གི་གང་ཡང་མིན།
༡༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཐོག་མར་ངོས་འཛིན་ཞུ་བར་ཨ་མདོས་ཁུལ་དུ་ཕེབས་མི་གཙོ་བོ་སུ་ཡིན་ནམ།
ཀ༽ ཕུར་ལྕོག་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་དང་། ཁང་སེར་རིན་པོ་ཆེ་རྣམ་གཉིས་ཡིན།
ཁ༽ རྒྱལ་ཚབ་རྭ་སྒྲེང་ཧོ་ཐོག་ཐུ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཡིན།
ག༽ སེ་ར་ཧར་གདོང་ཀིའུ་ཚང་རིན་པོ་ཆེ་དང་། རྩ་དྲུང་བློ་བཟང་ཚེ་དབང་རྣམ་གཉིས་ཡིན།
ང༽ གྲོང་སྨད་འཕྲིན་ལས་རྒྱ་མཚོ་དང་། བསོད་ནམས་རྒྱལ་མཚན་རྣམ་གཉིས་ཡིན།
༡༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡོངས་འཛིན་རྣམ་གཉིས་ཀྱི་མཚན་གང་ཡིན་ནམ།
ཀ༽ གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་དང་། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་རྣམ་གཉིས་ཡིན།
ཁ༽ ཡོངས་འཛིན་གླིང་རིན་པོ་ཆེ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཡིན།
ག༽ ྋཔཎ་ཆེན་བློ་བཟང་ཆོས་རྒྱན་དང་། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཡིན།
ང༽ ཕུར་ལྕོག་ངག་དབང་བྱམས་པ་དང་། བྱ་ཁྱུང་པ་ངག་དབང་ཆོས་གྲགས་རྣམ་གཉིས་ཡིན།
༡༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དེ་ཕྱི་ལོ་གང་གི་ལོར་གནང་ཡོད་དམ།
ཀ༽ ཕྱི་ལོ་ ༡༩༤༠ ལོར་ཞུས།
ཁ༽ ཕྱི་ལོ་ ༡༩༣༩ ལོར་བཞུགས།
ག༽ ཕྱི་ལོ་ ༡༩༥༠ ལོར་བཞུགས།
ང༽ ཕྱི་ལོ་ ༡༩༤༡ ལོར་བཞུགས།
༡༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ངོས་འཛིན་གནང་སྐབས་ཀེའུ་ཚང་རིན་པོ་ཆེ་ལ་གང་གསུངས་སམ།
ཀ༽ ཁྱེད་རང་སེ་རའི་ཨ་ཀ་རེད།
ཁ༽ ཁྱེད་རང་དགའ་ལྡན་ཨ་ཀ་རེད།
ག༽ ཁྱེད་རང་བཀྲིས་ལྷུན་པོའི་ཨ་ཀ་རེད།
ང༽ ཁྱེད་རང་འབྲས་སྤུངས་ཨ་ཀ་རེད།
༡༧༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་འཁྲུངས་སྐབས། དེ་དུས་སྟག་འཚེར་ཞེས་པའི་ས་ཆ་དེ་བོད་རྒྱ་གང་གིས་བདག་བཟུང་བྱས་ཡོད་དམ།
ཀ༽ མན་ཇུས་བདག་བཟུང་བྱས་ཡོད།
ཁ༽ སོག་དམག་གིས་བདག་བཟུང་བྱས་ཡོད།
ག༽ རྒྱ་ནག་གིས་བདག་བཟུང་བྱས་ཡོད།
ང༽ བོད་ཀྱི་བདག་བཟུང་བྱས་ཡོད།
༡༨༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་བཞེས་ཏེ་ད་དབར་ལོ་ག་ཚོད་ཕྱིན་ཡོད་དམ།
ཀ༽ ལོ་ངོ་ལྔ་ཅུ་ང་གཉིས་ཕྱིན་ཡོད།
ཁ༽ ལོ་ངོ་ལྔ་ཅུ་ཕྱིན་ཡོད།
ག༽ ལོ་ངོ་བཞི་ཅུ་ཞེ་དགུ་ཕྱིན་ཡོད།
ང༽ ལོ་ངོ་དྲུག་ཅུ་ཕྱིན་ཡོད།
༡༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ཟླ་ཚེས་གང་དུ་འབུལ་བཞེས་གནང་ཡོད་དམ།
ཀ༽ ཕྱི་ལོ་ ༡༩༨༩ ཟླ་༡༢ ཚེས་༡༠ ཉིན་འབུལ་བཞེས་གནང་།
ཁ༽ ཕྱི་ལོ་ ༡༩༨༩ ཟླ་༡༢ ཚེས་༡༡ ཉིན་འབུལ་བཞེས་གནང་།
ག༽ ཕྱི་ལོ་ ༡༩༨༧ ཟླ་༡༠ ཚེས་༡༢ ཉིན་འབུལ་བཞེས་གནང་།
ང༽ ཕྱི་ལོ་ ༡༩༩༠ ཟླ་༡༢ ཚེས་༡༢ ཉིན་འབུལ་བཞེས་གནང་།
༢༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་སྟག་འཚེར་ནས་ལྷ་སར་གདན་འདྲེན་ཞུ་སྐབས་དེ་དུས་སྟག་འཚེར་མི་མང་རྣམས་ཀྱི་ྋརྒྱལ་བ་སྐུ་གོང་མའི་ཡང་སྲིད་ཡིན་པ་ཤེས་ཀྱི་ཡོད་དམ།
ཀ༽ ཤེས་རྟོགས་མེད་པ་རེད།
ཁ༽ ཤེས་རྟོགས་བྱུང་ཡོད་པ་རེད།
ག༽ ཤེས་རྟོགས་ཅུང་ཟད་ཡོད་པ་རེད།
༢༡༽ ལྷ་མོ་དོན་འགྲུབ་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་སྐབས་དགུང་ལོ་ག་ཚོད་ཡིན་ནམ།
ཀ༽ སྐབས་དེ་དུས་དགུང་གྲངས་བདུན་ཡིན།
ཁ༽ སྐབས་དེ་དུས་དགུང་གྲངས་བཞི་ཡིན།
ག༽ སྐབས་དེ་དུས་དགུང་གྲངས་ལྔ་ཡིན།
ང༽ སྐབས་དེ་དུས་དགུང་གྲངས་གསུམ་ཡིན།
༢༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པར་གཞུང་འབྲེལ་ཕེབས་བསུ་ངོ་མ་རྒྱ་ཆེ་བ་དེ་ས་གནས་གང་དུ་མཛད་དམ།
ཀ༽ འདོད་རྒུ་ཐང་པའི་ས་གནས་སུ་མཛད།
ཁ༽ ཚེ་རིང་ནོར་ཞེས་པའི་ས་གནས་སུ་མཛད།
ག༽ ཁྲ་ཚང་མ་ཞེས་པའི་ས་གནས་སུ་མཛད།
ང༽ འབུམ་ཆེན་ཞེས་པའི་ས་གནས་སུ་མཛད།
༢༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡབ་ཡུམ་གཉིས་ནས་རང་གི་བུ་ལྷ་མོ་དོན་འགྲུབ་ྋརྒྱལ་བ་སྐུ་གོང་མའི་ཡང་སྲིད་ཡིན་པ་ཐོག་མ་ས་གནས་གང་དུ་མཁྱེན་ཡོད་དམ།
ཀ༽ ལྷ་སར་འབྱོར་རྗེས་གསེར་ཁྲི་མངའ་སྲོལ་གྱི་མཛད་སྒོ་ཚོགས་རྗེས་རང་གི་བུ་ྋརྒྱལ་བ་རིན་པོ་ཆེ་ཡིན་པ་མཁྱེན་ཡོད།
ཁ༽ གལ་ཆེ་ས་གནས་འདམ་དབུ་མ་ཐང་དུ་སླེབས་སྐབས་སྤྱི་ཁྱབ་མཁན་པོ་ནས་དགའ་བསུ་གནང་བ་ལས་རང་གི་བུ་ྋརྒྱལ་བ་རིན་པོ་ཆེ་ཡིན་པ་མཁྱེན་ཡོད།
ག༽ ཡང་སྲིད་འཚོལ་མི་རྣམས་སྟག་འཚེར་ཁྱིམ་དུ་ཐོག་མར་ཕེབས་པ་ལས་རང་གི་བུ་ྋརྒྱལ་བའི་ཡང་སྲིད་ཡིན་པ་མཁྱེན་ཡོད།
ང༽ འབུམ་ཆེན་ཞེས་པའི་ས་གནས་སུ་འབྱོར་སྐབས་བོད་གཞུང་དཔོན་རིཌ་ཤིག་ནས་མཎཌལ་འདེགས་འབུལ་ཞུས་པ་སོཌ་ལས་རང་གི་བུ་ྋརྒྱལ་བ་རིན་པོ་ཆེ་ཡིན་པ་མཁྱེན་ཡོད།
༢༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་ལྷ་སར་ཐོག་མ་འབྱོར་སྐབས་ས་གནས་གང་དུ་གདན་འདྲེན་ཞུས་སམ།
ཀ༽ གཟིམ་ཆུང་ཕུན་ཚོགས་འདོད་འཁྱིལ་ནང་གདན་འདྲེན་ཞུས།
ཁ༽ ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་གདན་འདྲེན་ཞུས།
ག༽ ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ནང་གདན་འདྲེན་ཞུས།
ང༽ ནོར་བུ་གླིང་གར་གདན་འདྲེན་ཞུས།
༢༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གསེར་ཁྲི་མངའ་གསོལ་ས་གནས་གང་དུ་གནང་བ་རེད་དམ།
ཀ༽ རྩེ་ཕོ་བྲང་པོ་ཏཱ་ལར་གནང་།
ཁ༽ སྐུ་འབུམ་དགོན་པར་གནང་།
ག༽ ཀརྨ་ཤར་ཙོང་དགོན་པར་གནང་།
ང༽ ནོར་བུ་གླིང་སྐལ་བཟང་ཕོ་བྲང་དུ་གནང་།
༢༦༽ ལེགས་བཤད་བློ་གསར་མིག་འབྱེད། ཅེས་པའི་ཕྱག་དེབ་དེ་ྋརྒྱལ་བ་སྐུ་ཕྲེང་གང་གིས་ལྗགས་རྩོམ་མཛད་དམ།
ཀ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པས་བརྩམས་པ་གནང་།
ཁ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བརྩམས་པ་གནང་།
ག༽ ྋརྒྱལ་བ་སྐུ་ཕྲེང་དང་པོས་བརྩམས་པ་གནང་།
ང༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བརྩམས་པ་གནང་།
༢༧༽ ྋགོང་ས་མཆོག་བཙན་བྱོལ་དུ་ཐོག་མར་ཕེབས་སྐབས་རྒྱ་གར་གྱི་སྲིད་བློན་སུ་དང་མཇལ་འཕྲད་གནང་ཡོད་དམ།
ཀ༽ རྒྱ་གར་གྱི་སྲིད་བློན་འཇ་ཱཧར་ལཱལ་ནེ་ཧ་རཱུ་དང་མཇལ་འཕྲད་གནང་ཡོད།
ཁ༽ རྒྱ་གར་སྲིད་བློན་ལཱལ་བཧཱ་དུར་ཤཱསྟེ་རི་དང་མཇལ་འཕྲད་གནང་ཡོད།
ག༽ རྒྱ་གར་སྲིད་བློན་ཨིན་ཌར་གནདྷི་དང་མཇལ་འཕྲད་གནང་ཡོད།
ང༽ རྒྱ་གར་སྲིད་བློན་མོརཱར་འཇི་དེསཨི་དང་མཇལ་འཕྲད་གནང་ཡོད།
༢༨༽ ྋགོང་ས་མཆོག་ནས་རང་དབང་རྩོད་ལེན་བྱེད་པར་ཐབས་ལམ་ཡག་ཤོས་གང་ཡིན་གསུངས་ཡོད་དམ།
ཀ༽ རང་བཙན་གཙང་མ་དེ་མཆོག་ཡིན་གསུངས་ཡོད།
ཁ༽ བདེན་པའི་ཨུ་ཚུགས་དེ་མཆོག་ཡིན་གསུངས་ཡོད།
ག༽ འཚེ་མེད་ཞི་བའི་ལམ་དེ་མཆོག་ཡིན་པ་གསུངས་ཡོད།
ང༽ དབུ་མའི་ལམ་དེ་མཆོག་ཡིན་གསུངས་ཡོད།
༢༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་གསན་བསམསློབ་གཉེར་ཐོག་མ་དགུང་ལོ་ག་དུས་ནས་དབུ་བཙུགས་གནང་ཡོད་དམ།
ཀ༽ དགུང་ལོ་བཅུ་ནས་དབུ་བཙུགས་གནང་ཡོད།
ཁ༽ དགུང་ལོ་དྲུག་ནས་དབུ་བཙུགས་གནང་ཡོད།
ག༽ དགུང་ལོ་བརྒྱད་ནས་དབུ་བཙུགས་གནང་ཡོད།
ང༽ དགུང་ལོ་བདུན་ནས་དབུ་བཙུགས་གནང་ཡོད།
༣༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཚན་ཉིད་རིགས་པའི་གཞུང་ཆེན་གསན་བསམ་ཐོག་མར་དགུང་གྲངས་གང་དུ་དབུ་བཙུགས་གནང་བ་རེད་དམ།
ཀ༽ དགུང་གྲངས་བརྒྱད་ཐོག་དབུ་བཙུགས་གནང་།
ཁ༽ དགུང་གྲངས་བཅུ་གཉིས་ཐོག་དབུ་བཙུགས་གནང་།
ག༽ དགུང་གྲངས་བཅུ་གཅིག་ཐོག་དབུ་བཙུགས་གནང་།
ང༽ དགུང་གྲངས་བཅི་ལྔ་ཐོག་དབུ་བཙུགས་གནང་།
༣༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགུང་གྲངས་བཅུ་གསུམ་ཐོག་གདན་ས་གང་དུ་སྒྲིག་ཞུགས་གནང་ཡོད་དམ།
ཀ༽ གདན་ས་འབྲས་སྤུངས་དང་སེ་ར་གཉིས་སུ་སྒྲིག་ཞུགས་གནང་།
ཁ༽ བཀྲིས་ལྷུན་པོའི་ནང་སྒྲིག་ཞུགས་གནང་།
ག༽ སྐུ་འབུམ་དགོན་པར་སྒྲིག་ཞུགས་གནང་།
ང༽ དགའ་ལྡན་ནང་སྒྲིག་ཞུགས་གནང་།
༣༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ནང་དོན་རིག་པའི་གཞུང་ཆེན་གསན་བསམ་ལོ་ག་ཚོད་གནང་ཡོད་པ་རེད་དམ།
ཀ༽ ཁྱོན་བསྡོམས་ལོ་ཉི་ཤུ་རྩ་ལྔ་གནང་ཡོད།
ཁ༽ ཁྱོན་བསྡོམས་ལོ་ཉི་ཤུ་གནང་ཡོད།
ག༽ ཁྱོན་བསྡོམས་ལོ་བཅོ་ལྔ་གནང་ཡོད།
ང༽ ཁྱོན་བསྡོམས་ལོ་བཅུ་གསུམ་གནང་ཡོད།
༣༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལྷ་རམ་པའི་དམ་བཅའ་འཇོག་སྐབས་དགུང་གྲངས་ག་ཚོད་ཡིན་ནམ།
ཀ༽ དགུང་གྲངས་ ༡༩ ཐོག་ཡིན།
ཁ༽ དགུང་གྲངས་ ༢༣ ཐོག་ཡིན།
ག༽ དགུང་གྲངས་ ༢༥ ཐོག་ཡིན།
ང༽ དགུང་གྲངས་ ༢༤ ཐོག་ཡིན།
༣༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སྐུ་ན་ཕྲ་བའི་གནས་སྐབས་སུའང་སེར་སྐྱ་མི་གྲངས་ལྔ་ཅུ་ལྷག་ཡོད་པའི་བསྒྱུར་བཅོས་ཚོགས་ཆུང་ཞིག་བཙུགས་གནང་། ཚོགས་ཆུང་དེ་གང་ལ་བསྒྱུར་བཅོས་གཏོང་བའི་ཆེད་དུ་བཙུགས་གནང་ཡོད་དམ།
ཀ༽ སོ་ནམ་པ་ཚོར་བུ་ལོན་གཏོང་ཕྱོགས་ཐད་ལ་བསྒྱུར་བཅོས་ཆེད་དུ་བཙུགས་གནང་ཡོད།
ཁ༽ གཞུང་གི་སྒྲིག་གཞིའི་ནང་ཇི་གསལ་ལས་དེ་མིན་རྫོང་དཔོན་སོགས་ཀྱིས་ཐོབ་ཐང་མེད་པར་མི་མང་ནས་ཁྲལ་འཕར་མ་བསྡུ་མི་ཆོག་པའི་ཆེད་དུ་བཙུགས་གནང་ཡོད།
ག༽ སྔར་གྱི་གནས་སྟངས་དེང་དུས་ཀྱི་སྤྱི་ཚོགས་སུ་བསྒྱུར་རྒྱུའི་ཆེད་དུ་བཙུགས་གནང་ཡོད།
ང༽ ས་ནམ་པ་ཚོ་གཞུང་གི་ཐད་ཀའི་ལྟ་རྟོགས་འོག་གནས་སྟངས་འདྲ་མཚུངས་ཡོང་བའི་ཆེད་དུ་བཙུགས་གནང་ཡོད།
༣༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གཞིས་ཀ་ལམ་ལུགས་བསྒྱུར་བཅོས་གང་འདྲ་གནང་རྩིས་གནང་ཡོད་དམ།
ཀ༽ གཞིས་ཁག་ཆེན་པོ་རྣམས་གཞུང་གིས་འཛིན་སྐྱོང་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།
ཁ༽ གཞིས་ཁག་ཆེན་པོ་རྣམས་གཞུང་བཞེས་ཀྱིས་རིན་སྐྱིན་སྤྲོད་རྒྱུ་དང་། ས་ཞིང་རྣམས་མི་དམངས་ལ་བགོས་འགྲེམས་གནང་འཆར་ཡོད་པ་རེད།
ག༽ གཞིས་ཁག་གི་ཐོན་སྐྱེད་ལ་དཔགས་ནས་ཁྲལ་སྒྲུབ་དགོས་པའི་འཆར་གཞི་ཡོད་པ་རེད།
ང༽ གཞིས་ཁག་འཛིན་སྐྱོང་བྱེད་ཕྱོགས་ཐད་ལ་བསྒྱུར་བཅོས་གནང་འཆར་ཡོད་པ་རེད།
༣༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་དགུང་གྲངས་ག་ཚོད་ཀྱི་སྐབས་སུ་བཞེས་སམ།
ཀ༽ དགུང་གྲངས་ ༡༦ སོན་སྐབས་ཐུགས་འགན་བཞེས།
ཁ༽ དགུང་གྲངས་ ༡༥ སོན་སྐབས་ཐུགས་འགན་བཞེས།
ག༽ དགུང་གྲངས་ ༡༢ སོན་སྐབས་ཐུགས་འགན་བཞེས།
ང༽ དགུང་གྲངས་ ༡༤ སོན་སྐབས་ཐུགས་འགན་བཞེས།
༣༧༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དགུང་ལོ་ཆུང་ངུའི་དུས་ནས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་དོན་གང་ཡིན་ནམ།
ཀ༽ ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་ཐོག་ནས་རྒྱལ་ཆོགས་ལ་རྒྱབ་སྐྱོར་སྙན་ཞུ་འབུལ་ཚེ་ཕན་ཐོག་ཆེ་བར་གཟིགས་ཏེ་ཐུགས་འགན་བཞེས་གནང་བ་རེད།
ཁ༽ བོད་ལྗོངས་སྤྱོ་ཚོགས་བཀའ་སྡུར་གནང་སྟ་བསམ་གྲོས་གཅིག་མཐུན་གྱིས་གསོལ་བ་བཏབ་པ་ལྟར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་བ་རེད།
ག༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཆབ་སྲིད་ཀྱི་ཐོག་ལ་མཁྱེན་རྒྱ་ཆེར་ཡོད་སྟབས་དགུང་ལོ་ཆུང་ངུའི་དུས་ནས་ཐུགས་འགན་བཞེས་གནང་བ་རེད།
ང༽ རྒྱ་དམར་གྱི་བོད་ས་བཙན་འཕྲོག་བྱེད་བཞིན་པར་བརྟེན། ྋགོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐུཌ་འགན་བཞེས་མ་ཐུབ་ཚེ་བོད་དེ་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་ལྷ་ཡིས་ལུང་བསྟན་སོཌ་བྱས་ཡོད།
༣༨༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གྲོ་མོ་ལ་ཕེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ཀ༽ རྒྱ་བོད་ཞི་མོས་གནང་ཆེད་དུ་ཕེབས་དགོས་བྱུང་བ་རེད།
ཁ༽ རྒྱ་དམག་བོད་སར་བཙན་འཛུལ་བྱས་པ་རྣམས་ཕྱིར་འཐེན་དགོས་པས་ཕེབས་དགོས་བྱུང་བ་རེད།
ག༽ རྒྱ་དམག་འཛིན་བཟུང་བྱས་པ་རྣམས་ཕྱིར་སློག་དགོས་པས་ཕེབས་དགོས་བྱུང་བ་རེད།
ང༽ རྒྱ་དམག་ལྷ་སར་འབྱོར་བས་རེ་ཞིག་ཉེན་གཡོལ་དུ་ཕེབས་དགོས་བྱུང་བ་དེས་རེད།
༣༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གྲོ་མོར་ཕེབས་ཁར་སྲིད་བློན་གཉིས་བསྐོ་བཞག་གནང་ཡོད་པས་ཁོང་གཉིས་ཀྱི་མཚན་གང་ཡིན་ནམ།
ཀ༽ མཁན་དྲུང་ཐུབ་བསྟན་བསྟན་དར་དང་། བསོད་ནམས་དབང་འདུད་གཉིས་ཡིན།
ཁ༽ བློ་བཟང་བཀྲིས་དང་། ཀླུ་ཁང་བ་གཉིས་ཡིན།
ག༽ བཀའ་བློན་ལ་ཕོད་དང་། མཁན་དྲུང་ཆོས་འཕེལ་ཐུབ་བསྟན་གཉིས་ཡིན།
ང༽ རྩེ་མགྲོན་རྒྱལ་མཚན་ཕུན་ཚོགས་དང་། བཀའ་མགྲོམ་ཕུན་ཚོགས་རྡོ་རྗེ་གཉིས་ཡིན།
༤༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་ཆབ་སྲིད་ཐུགས་འགན་གཙང་མ་བཞེས་རྗེས་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་དྲིལ་བསྒྲགས་གལ་ཆེ་ཞིག་གནང་ཡོད་པ་དེ་གང་ཡིན་ནམ།
ཀ༽ རྒྱ་དམག་བོད་ས་བཙན་འཛུལ་བྱས་པ་རྣམས་ཕྱིར་འཐེན་དགོས་ལུགས་གསུངས་སོ།
ཁ༽ རྒྱ་དམར་གུང་བྲན་རང་གི་བྱེད་སྤྱོད་ལ་ཡིད་གཏན་རྩ་བ་ནས་མེད་གསུངས་སོ།
ག༽ བོད་ནང་གི་བཙོན་པ་ཡོངས་རྫོགས་གློད་བཀྲོལ་རང་དབང་དུ་བཏང་གནང་བ་རེད།
ང༽ རྒྱ་ནག་གཞུང་དང་མཐུན་ལམ་གནང་རྒྱུ་ཡིན་གསུངས་སོ།
༤༡༽ རྒྱ་བོད་དབར་གྱི་ཞི་བའི་ཆིངས་ཡིག་དོན་ཚན་བཅུ་བདུན་ཅན་བཞག་པའི་ནང་དོན་ཇི་ཡོད་ྋརྒྱལ་བ་རིན་པོ་ཆེ་ཡིས་མཁྱེན་རྟོགས་ཇི་ལྟར་བྱུང་བ་རེད་དམ།
ཀ༽ པེ་ཅིང་རླུང་འཕྲིན་ནས་ང་ཕོད་ཀྱིས་དྲིལ་བསྒྲགས་བྱས་པ་ནས་མཁྱེན་རྟོཌ་བྱུང་བ་རེད།
ཁ༽ རང་བཙན་ཅེས་པའི་གསར་ཤོག་བརྒྱུད་ནས་མཁྱེན་རྟོགས་བྱུང་བ་རེད།
ག༽ པེ་ཅིང་ནས་ཞལ་པར་བརྒྱུད་ནས་མཁྱེན་རྟོགས་བྱུང་བ་རེད།
ང༽ གོང་གི་གང་ཡང་མིན།
༤༢༽ ང་ཕོད་སོགས་ཀྱིས་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ དེར་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ངོས་ལེན་གནང་ཡོད་དམ།
ཀ༽ ང་ཕོད་སོགས་ཀྱིས་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ དེར་རྒྱལ་དབང་མཆོག་ནས་བློ་འཚབ་དང་རྩིས་མེད་བཏང་བ་རེད།
ཁ༽ ང་ཕོད་སོགས་ཀྱིས་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ དེར་ྋརྒྱལ་དབང་མཆོག་གིས་འོས་ཤིང་འཚམས་པ་ཡིན་པར་ངོས་ལེན་གནང་ཡོད།
ག༽ ང་ཕོད་སོགས་ཀྱིས་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ དེར་ྋརྒྱལ་བ་མཆོག་གིས་དུས་སྐབས་དང་བསྟུན་ཐུབ་པ་བྱུང་འདུག་ཅེས་ངོས་ལེན་གནང་ཡོད།
ང༽ ཆིངས་ཡིག་དོན་ཚན་ ༡༧ ལ་ངོས་ལེན་གནང་རྒྱུ་ཕར་བཞག ང་ཕོད་ནས་དེ་ལྟར་གནང་བར་བློ་ཕམ་གནང་དགོས་བྱུང་བ་རེད།
༤༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གྲོ་མོར་བཞུགས་སྐབས་རྒྱ་གཞུང་སྐུ་ཚབ་དམག་དཔོན་ཞིག་མཇལ་འཕྲད་གནང་ཡོད་པ་དེའི་མིང་ལ་གང་ཟེར་རམ།
ཀ༽ རྒྱ་ཡི་དམག་དཔོན་ང་ཆི་མིས་ཡིན།
ཁ༽ རྒྱ་ཡི་དམག་དཔོན་ུ་འུ་ཀོན་ཐའི་ཡི་ཡིན།
ག༽ རྒྱ་ཡི་དམག་དཔོན་ཀྲང་ཅིང་ཨུ་ཡིན།
ང༽ རྒྱ་ཡི་དམག་དཔོན་ཀྲའུ་ཨན་ལེ་ཡིན།
༤༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱ་ནག་ཏུ་བོད་རྒྱའི་འབྲེལ་ལམ་ཞི་འཇམ་ཡོང་སླད་སྤྱི་ལོ་གང་གི་ལོར་ཆིབས་བསྒྱུར་བསྐྱངས་སམ།
ཀ༽ སྤྱི་ལོ་ ༡༩༥༠ ལོར་ཕེབས་པ་ཡིན།
ཁ༽ སྤྱི་ལོ་ ༡༩༥༤ ལོར་ཕེབས་པ་ཡིན།
ག༽ སྤྱི་ལོ་ ༡༨༦༤ ལོར་ཕེབས་པ་ཡིན།
ང༽ སྤྱི་ལོ་ ༡༩༦༤ ལོར་ཕེབས་པ་ཡིན།
༤༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་རྣམ་གཉིས་ཐོག་མར་ས་གནས་གང་དུ་མཇལ་འཕྲད་བྱུང་ངམ།
ཀ༽ ཕོ་བྲང་ཆེན་པོ་ཏཱ་ལར་མཇལ་འཕྲད་གནང་།
ཁ༽ སོག་ཡུལ་དུ་མཇལ་འཕྲད་གནང་།
ག༽ ནོར་གླིང་སྐལ་བཟང་ཕོ་བྲང་དུ་མཇལ་འཕྲད་གནང་།
ང༽ ལྷ་སར་མཇལ་འཕྲད་གནང་།
༤༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་སྐབས་དགུང་གྲངས་ག་ཚོད་ཡིན་ནམ།
ཀ༽ རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་དགུང་ལོ་ ༡༩ ཡིན།
ཁ༽ རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་དགུང་ལོ་ ༡༨ ཡིན།
ག༽ རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་དགུང་ལོ་ ༢༡ ཡིན།
ང༽ རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་དགུང་ལོ་ ༢༠ ཡིན།
༤༧༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་རྒྱ་ནག་པེ་ཅིང་དུ་ཕེབས་འབྱོར་སྐབས་རྒྱ་ནག་དཔོན་རིགས་གཙོ་གྲས་སུ་དང་སུ་ཕེབས་བསུར་བཅར་ཡོད་དམ།
ཀ༽ རྒྱ་དཔོན་ང་ཆིས་མིས་དང་། དམག་སྤྱི་ཀྲང་ཀོཧཱ་སོགས་ཕེབས་བསུར་བཅར་ཡོད།
ཁ༽ རྒྱ་ནག་གི་དམག་དཔོན་འུ་ཀོན་ཐའི་དང་། རྒྱ་གཞུང་སྐུ་ཚབ་ལུའུ་ཇན་ཐིན་སོགས་ཕེབས་བསུར་བཅར་ཡོད།
ག༽ ཀྲུང་དབྱངས་འཐུས་མི་ཀྲང་ཅི་ཨུ་དང་། ཀྲང་གོཧཱ་སོགས་ཕེབས་བསུར་བཅར་ཡིན།
ང༽ རྒྱ་ནག་གི་གཙོ་འཛིན་གཞོན་པ་ཀྲུ་ཏའི་དང་། སྲིད་བློན་ཀྲའུ་ཨན་ལའི་སོགས་ཕེབས་བསུར་བཅར་ཡོད།
༤༨༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱ་ནག་གི་སྲིད་བློན་ཀྲའུ་ཨན་ལའི་ཞེས་པ་དེ་མི་གང་འདྲ་ཞིག་ལ་ངོས་འཛིན་གནང་ཡོད་དམ།
ཀ༽ དྲང་པོར་བརྫུས་ཏེ་གཞན་མགོ་བསྐོར་གཏོང་མཁས་ཞིག་ལ་ངོས་འཛིན་གནང་ཡོད།
ཁ༽ ལས་རྒྱུ་འབྲས་དང་ཆོས་ཁས་མི་ལེན་མཁན་ཞིག་ལ་ངོས་འཛིན་གནང་ཡོད།
ག༽ མི་ཁ་མཁས་ཤིང་། ཤིན་ཏུ་གཡོ་སྒྱུ་ཅན་ཞིག་ལ་ངོས་འཛིན་གནང་ཡོད།
ང༽ ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་ཞིག་ལ་ངོས་འཛིན་གནང་ཡོད།
༤༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེ་ཧ་རཱུ་རྣམ་གཉིས་པེ་ཅིང་དུ་མཇལ་འཕྲད་བྱུང་ཡོད་དམ་མེད།
ཀ༽ རྒྱ་ནག་རྒྱལ་ས་པེ་ཅིང་དུ་མཇལ་འཕྲད་བྱུང་མེད།
ཁ༽ རྒྱ་ནག་རྒྱལ་ས་པེ་ཅིང་དུ་མཇལ་འཕྲད་བྱུང་ཡོད།
༥༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་རྒྱ་གར་དུ་ཐོག་མར་སྤྱི་ལོ་གང་གི་ལོར་ཕེབས། གནས་དོན་གང་གི་ཆེད་དུ་ཕེབས་སམ།
ཀ༽ སྤྱི་ལོ་ ༡༩༥༣ ལོར་རྒྱ་གར་ནང་ཡོད་པའི་ཕྱི་རྒྱལ་སྐུ་ཚབ་ཁག་ལ་བོད་ནང་གི་གནས་ལྟངས་སྐོར་ཞུ་བྱེད་དུ་ཕེབས།
ཁ༽ སྤྱི་ལོ་ ༡༩༥༥ ལོར་རྒྱ་བོད་གཉིས་ཚོང་དོན་བཀའ་མོལ་གནང་ཆེད་དུ་ཕེབས།
ག༽ སྤྱི་ལོ་ ༡༩༥༧ ལོར་རྒྱ་གར་དབྱིན་གཞུང་སྐུ་ཚབ་ཀྱིས་གདན་ཞུས་བྱས་པ་ལྟར་ཕེབས།
ང༽ སྤྱི་ལོ་ ༡༩༥༦ ལོར། དོན་གནས་ནི་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་འདས་མཆོད་དུ་ཕེབས།
༥༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་རྒྱ་གར་དུ་གནས་གཟིགས་སུ་ཕེབས་སྐབས་གནམ་ཐང་དུ་རྒྱ་གར་དཔོན་རིགས་སུ་དང་སུ་ཕེབས་བསུར་བཅར་ཡོད་དམ།
ཀ༽ རྒྱ་གར་སྲིད་འཛིན་གཞོན་པ། རཀྲ་ཁིར་ཤིན་དང་སྲིད་བློན། ནེཧ་རཱུ་གཉིས་ཕེབས་བསུར་བཅར་ཡོད།
ཁ༽ རྒྱ་གར་སྲིད་བློན་ལཱལ་བཧཱ་དུར་ཤཱསྟརི་ཕེབས་བསུར་བཅར་ཡོད།
ག༽ རྒྱ་གར་སྲིད་འཛིན་རཱདྷཱཀྲྀ་ཤཎ་དང་འཇལ་ཡ་པར་ཀཤ་ན་ར་ཡན་གཉིས་ཕེབས་བསུར་བཅར་ཡོད།
ང༽ རྒྱ་གར་སྲིད་འཛིན་ཌག་ཏར་རཱཇེནདྲ་པྲསཱད་དང་གྷན་རྡི་འཇི་གཉིས་ཕེབས་བསུར་བཅར་ཡོད།
༥༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་སྤྱི་ལོ་གང་གི་ལོར་དགེ་བཤེས་ལྷ་རམ་པའི་དམ་བཅའ་བཞག་པ་གནང་བ་རེད་དམ།
ཀ༽ སྤྱི་ལོ་ ༡༩༥༨ ཟླ་༤ ཚེས་༠༡ ཉིན་བཞག་གནང་།
ཁ༽ སྤྱི་ལོ་ ༡༩༥༧ ཟླ་༢ ཚེས་༠༡ ཉིན་བཞག་གནང་།
ག༽ སྤྱི་ལོ་ ༡༩༥༩ ཟླ་༣ ཚེས་༠༡ ཉིན་བཞག་པ་གནང་།
ང༽ སྤྱི་ལོ་ ༡༩༥༦ ཟླ་༣ ཚེས་༠༣ ཉིན་བཞག་གནང་།
༥༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་ཐོག་མར་ས་གནས་གང་དུ་བཞུགས་སམ།
ཀ༽ ཏེ་ཛ་པུར་ཞེས་པའི་ས་གནས་སུ་བཞུགས་གནང་།
ཁ༽ མ་སུ་རི་ཞེས་པའི་ས་གནས་སུ་བཞུགས་གནང་།
ག༽ ལ་དྭགས་ཞེས་པའི་ས་གནས་སུ་བཞུགས་གནང་།
ང༽ སྒང་ཏོག་ཅེས་པའི་ས་གནས་སུ་བཞུགས་གནང་།
༥༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མ་སུ་རིར་བཞུགས་སྐབས་རྒྱ་གར་གྱི་སྲིད་བློན་ནེ་ཧ་རཱུ་མཇལ་བཅར་ལ་ཐེངས་ག་ཚོད་ཕེབས་ཡོད་དམ།
ཀ༽ ཐེངས་གཉིས་མཇལ་བཅར་ལ་ཕེབས་ཡོད།
ཁ༽ ཐེངས་གསུམ་མཇལ་བཅར་ལ་ཕེབས་ཡོད།
ག༽ གོང་གི་གང་ཡང་མིན།
ང༽ ཐེངས་གཅིག་མཇལ་བཅར་ལ་ཕེབས་ཡོད།
༥༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བཙན་བྱོལ་དུ་ཕེབས་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཕྱི་ལོ་གང་གི་ལོར་དབུ་བཙུགས་གནང་བ་རེད་དམ།
ཀ༽ ཕྱི་ལོ་ ༡༩༦༣ ལོར་བོད་མི་མང་སྤྱི་འཐུས་ལྷ་ཚོགས་དབུ་བཙུགས་གནང་།
ཁ༽ ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷ་ཚོགས་དབུ་བཙུགས་གནང་།
ག༽ ཕྱི་ལོ་ ༡༩༦༢ ལོར་བོད་མི་མང་སྤྱི་འཐུས་ལྷ་ཚོགས་དབུ་བཙུགས་གནང་།
ང༽ ཕྱི་ལོ་ ༡༩༦༡ ལོར་བོད་མི་མང་སྤྱི་འཐུས་ལྷ་ཚོགས་དབུ་བཙུགས་གནང་།
༥༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དུས་འཁོར་དབང་ཆེན་ཐེངས་དང་པོ་དེ་ས་གནས་གང་དུ་གནང་ཡོད་དམ།
ཀ༽ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནང་།
ཁ༽ སོག་པོའི་རྒྱལ་ས་ཨོ་ལན་སྦ་ཐར་དུ་གནང་།
ག༽ བོད་ཀྱི་ས་གནས་ནོར་བུ་གླིང་གར་གནང་།
ང༽ རྒྱ་གར་ས་གནས་རྡོ་རྗེ་གདན་དུ་གནང་།
༥༧༽ སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་གང་ཞིག་བེད་སྤྱོད་གནང་གིན་ཡོད་དམ།
ཀ༽ རང་སྲིད་རང་སྐྱོང་ཐོག་ནས་འབྲེལ་ལམ་གནང་གིན་ཡོད་པ་རེད།
ཁ༽ དབུ་མའི་ལམ་གྱི་ཐོག་ནས་འབྲེལ་ལམ་གནང་གིན་ཡོད་པ་རེད།
ག༽ འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འབྲེལ་ལམ་གནང་གིན་ཡོད་པ་རེད།
ང༽ བདེན་པའི་ཨུ་ཚུགས་ཐོག་ནས་འབྲེལ་ལམ་གནང་གིན་ཡོད་པ་རེད།
༥༨༽ མང་མོས་ཐག་གཅོད་ཀྱི་གདམ་བྱའི་རིམ་པའམ་གདམ་བྱ་བཞི་པོ་དེ་གང་དག་ཡིན་ནམ།
ཀ༽ རང་བཙན་གཙང་མ་དང་། རང་སྲིད་རང་སྐྱོང་། བདེན་པའི་ཨུ་ཚུགས། དབུ་མའི་ལམ་བཅས་ཡིན།
ཁ༽ ཕྱེད་རང་བཙན། རང་སྐྱོང་ལྗོངས། བདེན་པའི་ཨུ་ཚུགས། དབུ་མའི་ལམ་བཅས་ཡིན།
༥༩༽ ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཚོགས་པ་སུས་ཕུལ་བ་རེད་དམ།
ཀ༽ འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཕུལ།
ཁ༽ ཨ་རི་ཡི་གྲོས་ཚོགས་གོང་མས་ཕུལ།
ག༽ ནང་པའི་ཆོས་ཚོགས་ཀྱིས་ཕུལ།
ང༽ ནོར་ཡུལ་གྱི་ཚོགས་པ་ཞིག་ནས་ཕུལ།
༦༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དགུང་གྲངས་གང་གི་ཐོག་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་གནང་ངམ།
ཀ༽ དགུང་གྲངས་ ༡༧ སོན་སྐབས་ཐུགས་འགན་གཙང་བཞེས་གནང་།
ཁ༽ དགུང་གྲངས་ ༡༦ སོན་སྐབས་ཐུགས་འགན་གཙང་བཞེས་གནང་།
ག༽ དགུང་གྲངས་ ༡༤ སོན་སྐབས་ཐུགས་འགན་གཙང་བཞེས་གནང་།
ང༽ དགུང་གྲངས་ ༡༥ སོན་སྐབས་ཐུགས་འགན་གཙང་བཞེས་གནང་།
༦༡༽ ྋཔཎ་ཆེན་རིན་པོ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཡང་སྲིད་ངོས་འཛིན་སུ་གནང་ཡོད་དམ།
ཀ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་ངོས་འཛིན་གནང་།
ཁ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་མཆོག་ནས་ངོས་འཛིན་གནང་།
ག༽ ྋརྒྱལ་བ་སྐུ་ཕྲེང་བཅུ་པ་མཆོག་ནས་ངོས་འཛིན་གནང་།
ང༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་ངོས་འཛིན་གནང་།
༦༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནོར་གླིང་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས་སྐུར་ཆས་གོས་གང་བཞེས་ཡོད་དམ།
ཀ༽ འབྲོག་ཆས་བཞེས་དགོས་བྱུང་བ་རེད།
ཁ༽ གྲྭ་ཆས་བཞེས་དགོས་བྱུང་བ་རེད།
ག༽ སྐྱ་ཆས་བཞེས་དགོས་བྱུང་བ་རེད།
ང༽ དམག་ཆས་ཆ་ཚང་ཞིག་བཞེས་དགོས་བྱུང་བ་རེད།
༦༣༽ ཨ་ཀ་མ་ཞེས་པའི་ཡི་གེ་དེ་མཚོ་གང་གི་ནང་དུ་གཟིགས་སམ།
ཀ༽ མཚོ་སྔོན་པོ།
ཁ༽ ལྷ་མོའི་བླ་མཚོ།
ག༽ མ་ཕམ་གཡུ་མཚོ།
ང༽ མཚོ་མོ་སྔ་རེངས།
Install Quicktime
For the audio files
རྒྱལ་རབས།
བོད་ཀྱི་རྒྱལ་པོ།
རྒྱལ་དར་འགྲེལ་བཤད།
བོད་ལྗོངས་ངོ་སྤྲོད།
བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།