འབོད་སྒྲ།
• འབོད་སྒྲའི་གོ་དོན།
• འབོད་པ་གསལ་བྱེད་ཀྱི་སྒྲ།
• དཔེར་བརྗོད།
འབོད་སྒྲའི་གོ་དོན་ནི།
མིང་གི་སྔ་ཕྱི་གང་རུང་དུ་འབོད་པ་གསལ་བྱེད་ཀྱི་སྒྲ་སྦྱར་བས་འབོད་པའི་དོན་སྟོན་པ་ལ་འབོད་སྒྲ་ཟེར།
འབོད་པ་གསལ་བྱེད་ཀྱི་སྒྲ་ལ་གསུམ་སྟེ།
ཀྱེ། ཀྭ་ཡེ། ཝ་ཡེ།
དཔེར་བརྗོད།
ཀྱེ་ནི་རང་ལས་མཐོ་བའམ་རྒན་པ་ལ་བེད་སྤྱོད་བྱེད་དགོས།
དཔེར་ན། ཀྱེ་རྒྱལ་པོ། ཀྱེ་བླ་མ། ལྟ་བུ།
ཀྭ་ཡེ་ནི་རང་དང་འདྲ་མཉམ་ལ་བེད་སྤྱོད་བྱེད་དགོས།
དཔེར་ན། ཀྭ་ཡེ་གྲོགས་མཆོག ལྟ་བུ། ཝ་ཡེ་ནི་རང་ལས་ཆུང་བ་ལ་བེད་སྤྱོད་བྱེད་དགོས། དཔེར་ན། ཝ་ཡེ་སློང་མཁན། ལྟ་བུ།