Kangra District, Dharamsala 176218, INDIA
+91 1892 246422, 246423
stssheadoffice@sambhota.org

Foreign Student Admission Info.

Sambhota Tibetan Schools Society

ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་གཙོ་གྱུར་སློབ་མར་སཾ་བྷོ་ཊ་བོད་སློབ་ཁག་ནང་དམིགས་བསལ་སློབ་འཇུག་གནང་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན།

Admission Guidelines for Children from Abroad Especially Tibetans in Sambhota Tibetan Schools.

Revised: 2023

CLICK HERE FOR FORMS

སྦྲེལ་སྦྱོར། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་གཙོ་གྱུར་སློབ་མར་སཾ་བྷོ་ཊ་བོད་སློབ་ཁག་ནང་དམིགས་བསལ་སློབ་འཇུག་གནང་ཕྱོགས་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་
རྩ་འཛིན་ལམ་སྟོན་ཕྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༠༡ འཁོད་ཡིག་ཨང་། ཀ༼༡༩༽།སཾ་བྷོ་ཊ།༢༠༡༩།༤༧།ཀ ལ་བསྐྱར་བཅོས་སོང་བ་གཤམས་གསལ།

༡། འགེངས་ཤོག

དང་ཐོག་སློབ་འཇུག་འགེངས་ཤོག་དང་། ཕ་མའི་འགན་ལེན། རྒྱ་གར་ས་གནས་ནང་འགན་ལེན་པ་བཅས་ཀྱི་འགེངས་ཤོག་ཕབ་ལེན་གྱིས་འཐུས་ཚང་བཀང་སྟེ་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ལ་འབུལ་དགོས། སྤྱི་ཁྱབ་ཡིག་ཚང་ནས་སློབ་འཇུག་བཀའ་འཁྲོལ་ཐོབ་མཚམས་སློབ་གྲྭར་འབྲེལ་གཏུག་གིས་ཁྲིམས་མཐུན་དགོས་མཁོ་མཐོང་ཆེན་ཡིག་ཆ་སོགས་དུས་ཐོག་ཞུ་འབུལ་དགོས།

Parents are required to download the admission form, parents undertaking and local guardian forms. The duly filled forms should be submitted to STSS Head Office, Dharamshala (E-mail: stss1999@gmail.com). After receiving the confirmation from the Head Office the parents may contact the school and proceed further with the legal process like student visa, etc.

༢། སློབ་ཡོན་དོད། 

School Fee

༢་༡། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་གཏན་སློབ་ནང་ལོ་གཅིག་དང་དེ་ལས་མང་བ་སློབ་འཇུག་ཞུས་ཚེ། ཟླ་རེར་ཧིན་སྒོར་ ༤༠༠༠།༠༠ བསྡུ་ཆ་གནང་རྒྱུ། འོན་ཀྱང་ཕ་མ་གང་རུང་ཞིག་བོད་པ་ཡིན་ཚེ་བོད་ཕྲུག་གཅིག་མཚུངས་ལྟར་རྒྱ་གར་དངུལ་འབོར་ནང་བསྡུ་ཆ་འབུལ་འཐུས།

Students from abroad seeking admission in Sambhota boarding schools for one year or more shall require to pay a sum of Rs. 4000.00 per month. However children with a parent of Tibetan Origin/National shall pay regular fee in INR as general Tibetan children.

༢་༢། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་གཏན་སློབ་ནང་ལོ་གཅིག་ལས་ཉུང་བ་དང་ཟླ་བ་དྲུག་ལས་མང་བ་སློབ་འཇུག་ཞུས་ཚེ་ཟླ་རེར་ཧིན་སྒོར་ ༥༠༠༠།༠༠ བསྡུ་ཆ་གནང་རྒྱུ།

Students from abroad seeking admission in Sambhota boarding schools for less than one year but more than six months shall require to pay Rs. 5000.00/- per month.

༢་༣། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་གཏན་སློབ་ནང་ཟླ་བ་གཅིག་ནས་དྲུག་བར་སློབ་འཇུག་ཞུས་ཚེ་ཟླ་རེར་ཧིན་སྒོར་ ༥༥༠༠།༠༠ བསྡུ་ཆ་གནང་རྒྱུ།

Students from abroad seeking admission in Sambhota boarding schools for more than six months shall require to pay Rs. 5500.00 per month.

༢་༤། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་ཉིན་སློབ་ནང་སློབ་འཇུག་ཞུས་ཚེ། ཟླ་རེར་ཧིན་སྒོར་ ༢༥༠༠།༠༠ བསྡུ་ཆ་གནང་རྒྱུ། འོན་ཀྱང་ཕ་མ་གང་རུང་ཞིག་བོད་པ་ཡིན་པ་དང་སློབ་གྲྭའི་ནང་ལོ་གཅིག་དང་དེ་ལས་མང་བ་སློབ་འཇུག་ཞུས་ཚེ། བོད་ཕྲུག་གཅིག་མཚུངས་ལྟར་རྒྱ་གར་དངུལ་འབོར་ནང་བསྡུ་ཆ་འབུལ་འཐུས།

Students from abroad seeking admission in Sambhota Tibetan Schools as a Day Scholar shall require to pay Rs. 2500.00 per month. However children with a parent of Tibetan Origin/National, enrolling their children for up to one or more years shall pay regular fee in INR as general Tibetan children.

༢་༥། གོང་ཞུས་བསྡུ་ཆ་ལས་གཞན་སློབ་གྲྭ་སོ་སོའི་བསྡུ་མཁོ་ཇི་ཡོད་གནང་དགོས་མཆིས།

Concerned schools may collect locally applicable contribution other than the above stated fee.

༣། ཕ་མའི་མཁྱེན་རྟོགས་སླད།

སྤྱིར་སློབ་གྲྭའི་ལས་ཁུངས་ངོས་ནས་དམིགས་བསལ་སློབ་གྲྭའི་ཆེད་དངོས་ཟོག་སོགས་ཞལ་དེབས་ཕུལ་བ་རྣམས་སྤྱི་ཁྱབ་ཡིག་ཚང་གི་བཀའ་འཁྲོལ་སྔོན་སོང་ཐོག་ལེན་བེད་ཆོག་ཀྱང་། དགེ་ལས་གང་ཟག་སྒེར་ལ་དམིགས་ཏེ་དངུལ་དངོས་སོགས་རྔན་པའི་ཚུལ་དུ་ལེན་བེད་མི་ཆོག

For Parents Awareness
Any donation in kind or cash given to school can be accepted only with prior permission from STSS HQ. However, gift in any form to individual staff is not permitted.

༤། རྒྱ་བལ་འབྲུག་གསུམ་ཆེད་དམིགས་བསལ་སློབ་འཇུག

རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་ཕྲུག་གང་ཞིག་བོད་སློབ་ཏུ་མ་བསྐྱོད་ཅིང་། གུང་གསེང་དུས་ཡུན་རིང་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་ནང་ཟླ་བ་གཅིག་ནས་གསུམ་བར་ཉིན་སློབ་སློབ་འཇུག་ཞུས་ཚེ་ཟླ་རེར་ཧིན་སྒོར། ༡༦༥༠།༠༠ བསྡུ་ཆ་གནང་རྒྱུ། སློབ་འཇུག་དེ་ཡང་སློབ་གྲྭ་སོ་སོའི་འགན་འཛིན་ནས་སྤྱི་ཁྱབ་ཡིག་ཚང་ལ་བཀའ་འཁྲོལ་ཞུ་ཐོག་ཐག་གཅོད་གནང་འཐུས།

Special Admission for Tibetan Students residing in India, Nepal and Bhutan:
Tibetan students who are studying in non-Tibetan schools in India, Bhutan and Nepal can get special admission in Sambhota Tibetan Schools during their school vacation for up to three months as a Day Scholar. They shall require to pay Rs. 1650.00 per month. School Heads may admit such students with prior permission from STSS HQ.

༥། ལོ་འཁོར་སློབ་དུས།

སློབ་ཁག་གི་སློབ་དུས་ཚེས་གྲངས་སཾ་བྷོ་ཊའི་དྲ་ཚིག་ཐོག་གཟིགས་གནང་ཡོང་བ་ཞུ།

Academic Session
The dates for the commencement of the academic session must be referred to on the STSS website.
click here for direct link

Admission Form

Foreign students admission form is availabe in pdf format. (Revised-2023)

Admission Fee

Fee structure for the foreign students is availabe in pdf format. (Revised-2024)

Undertaking Form

Foreign students undertaking form is availabe in pdf format.