Kangra District, Dharamsala 176218, INDIA
+91 1892 246422, 246423
stssheadoffice@sambhota.org

Foreign Student Admission Info.

Sambhota Tibetan Schools Society

ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་ནང་སློབ་འཇུག་གནང་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན།

Guidelines for the admission of students from abroad in Sambhota Tibetan Schools

Revised: 2025

CLICK HERE FOR FORMS

སྦྲེལ་སྦྱོར། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་ནང་སློབ་འཇུག་གནང་ཕྱོགས་ཀྱི་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་
རྩ་འཛིན་ལམ་སྟོན་ཕྱི་ལོ་ ༢༠༡༨ ཟླ་ ༠༤ ཚེས་ ༠༡ འཁོད་ཡིག་ཨང་། ཀ༼༡༩༽།སཾ་བྷོ་ཊ།༢༠༡༩།༤༧།ཀ ལ་བསྐྱར་བཅོས་ཀྱིས་ལག་བསྟར་གནང་མུས་ལ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༨ སྐབས་ནས་བསྐྱར་བཅོས་གནང་བ་གཤམ་གསལ།

དམིགས་ཡུལ།

Objectives

༡། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་རྣམས་ལ་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་ནང་སློབ་འཇུག་གོ་སྐབས་ཕུལ་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་ལོན་དང་སློབ་གཉེར་གནང་སླད།

To provide opportunity to the Tibetan children from abroad to explore and learn about our Tibetan Language and Culture by attending Sambhota Tibetan Schools in India.

༢། བོད་ཀྱི་སྐད་ཡིག་སྦྱོང་བ་དང་བོད་པའི་ཕྲུ་གུ་གཞན་མཉམ་འཚར་ལོངས་བརྒྱུད་རང་སྤྱི་ཚོགས་ཀྱི་ཁུངས་སུ་གཏོགས་ པའི་ཚོར་སྣང་སྐྱེད་སྲིང་དང་ལྷན་རང་ཉིད་བོད་པ་ཞིག་ཡིན་པ་ངོས་འཛིན་ཐུབ་སླད།

To instill the sense of belongingness towards the Community, identify oneself as a Tibetan by learning Tibetan Language and growing up with other Tibetan children.

༡། འགེངས་ཤོག

Form

དང་ཐོག་སློབ་འཇུག་འགེངས་ཤོག་དང་། ཕ་མའི་འགན་ལེན། རྒྱ་གར་ས་གནས་ནང་འགན་ལེན་པ་བཅས་ཀྱི་འགེངས་ཤོག་སཾ་བྷོ་ཊའི་དྲ་ཚིགས་ནས་ཕབ་ལེན་གྱིས་འཐུས་ཚང་བཀང་སྟེ་ཁྲིམས་མཐུན་དགོས་མཁོ་མཐོང་མཆན་ཡིག་ཆ་སོགས་མཉམ་སྦྱར་གྱིས་དུས་ཐོག་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ལ་གློག་འཕྲིན་ཁ་བྱང་བརྒྱུད་འབུལ་དགོས། སློབ་གྲྭའི་ཡིག་ཚང་ནས་སློབ་འཇུག་ངོས་སྦྱོར་འབྱོར་མཚམས་ཕ་མའི་ངོས་ནས་སློབ་གྲྭར་འབྲེལ་གཏུག་གནང་དགོས།

Parents are required to download the admission form, parents undertaking and local guardian forms from the Sambhota website (www.sambhota.org). The duly filled forms along with student visa documents should be submitted to STSS Head Office (E-mail: stss1999@gmail.com). After receiving an admission slip from the school, parents need to contact the school office for further necessary action.

༢། སློབ་དོད།

School Charges

༢་༡། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་གི་གཏན་འཇགས་སམ་ཉིན་སློབ་གང་རུང་ནང་སློབ་འཇུག་གནང་ཚེ་ཉལ་ཁང་དོད་དང་ཉིན་སློབ་དོད་རྒྱ་གར་ནང་གི་བོད་ཕྲུག་བྱིངས་དང་གཅིག་མཚུངས་བསྡུ་ཆ་གནང་རྒྱུ།

Tibetan students from abroad seeking admission in Sambhota boarding or day schools shall be required to pay hostel charges or day school charges in INR same as Tibetan children in India.

༢་༢། བོད་པ་མིན་པའི་ཕྱི་རྒྱལ་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་གི་གཏན་འཇགས་སམ་ཉིན་སློབ་གང་རུང་ནང་སློབ་འཇུག་གནང་ཚེ་ཉལ་ཁང་དོད་ཟླ་རེར་ཧིན་སྒོར་ ༣༥༠༠།༠༠ དང་ཉིན་སློབ་དོད་ཟླ་རེར་ཧིན་སྒོར་ ༡༠༠༠།༠༠ བསྡུ་ཆ་གནང་རྒྱུ།

Non-Tibetan students from abroad seeking admission to Sambhota boarding or day schools shall be required to pay hostel charges of INR 3500.00 per month or day school charges of INR. 1000.00 per month.

༢་༣། གོང་ཞུས་སློབ་དོད་བསྡུ་ཆ་ལས་གཞན་སློབ་གྲྭ་སོ་སོའི་བསྡུ་མཁོ་ཇི་ཡོད་གནང་དགོས་མཆིས།

Concerned parents will have to pay locally applicable contributions other than the above-stated charges.

༣། ཕ་མའི་མཁྱེན་རྟོགས་སླད།

For Parents Awareness

༣་༡། སློབ་མའི་མཐོང་མཆན་ལག་ཁྱེར་ཞུ་སྐབས་དང་དེ་རྗེས་ཀྱི་བརྒྱུད་རིམ་གང་ཞིག་ཡིན་རུང་དོ་བདག་ཕ་མའམ་འགན་ ལེན་པས་འབྲེལ་ཡོད་གཞུང་གི་ཁྲིམས་སྒྲིག་ལྟར་གནང་དགོས། དེ་འབྲེལ་རྒྱབ་གཉེར་སོགས་ཇི་དགོས་དོ་བདག་ཕ་ མས་རེ་ཞུས་ལྟར་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་གནང་འཐུས།

For Parents
The process of applying for the Student Visa and any subsequent procedure must be followed and adhered to by the respective parents or guardians in accordance with the relevant government rules and regulations. In this context, as per parents’ request, STSS Head office shall provide any supporting letter or certificate required by the relevant government office.

༣་༢། སློབ་ཕྲུག་འཛིན་རིམ་བརྒྱད་པ་བར་སློབ་འཇུག་གནང་འཐུས་ཆོག་ཀྱང་། ཕ་མའི་ངོས་ནས་ཕྲུ་གུ་འཛིན་རིམ་བརྒྱད་པ་ཡན་རྒྱུན་གཏན་སློབ་མའི་སློབ་འཇུག་གནང་བློ་ཡོད་ཚེ་སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ལྷན་གོ་བསྡུར་གནང་དགོས་མཆིས།

The students will be admitted up to class/grade VIII. Parents wishing to admit their child beyond class VIII as regular students shall have to discuss with STSS HQ.

༣་༣ སྤྱིར་སློབ་གྲྭའི་ཆེད་དངོས་ཟོག་སོགས་ཞལ་འདེབས་ཕུལ་བ་ཅི་བྱུང་བ་རྣམས་སྤྱི་ཁྱབ་ཡིག་ཚང་གི་བཀའ་འཁྲོལ་ཞུས་ ཐོབ་ཐོག་ལེན་བེད་ཆོག་ཀྱང་། དགེ་ལས་གང་ཟག་སྒེར་ལ་དངུལ་དངོས་སོགས་རྔན་པའི་ཚུལ་དུ་གནང་མི་ཆོག

Any donation in kind or cash given to school can be accepted only with prior permission from STSS HQ. However, gifts in any form to individual staff are not permitted.

༤། ལོ་འཁོར་སློབ་དུས།

Academic Session

སློབ་ཁག་གི་ལོ་འཁོར་སློབ་དུས་འགོ་འཛུགས་ཀྱི་ཚེས་གྲངས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་དྲ་ཚིགས་ཐོག་གཟིགས་གནང་ཡོང་བ་ཞུ།

Dates for commencement of academic session must be referred from the STSS website.

གོང་གི་རྩ་འཛིན་ལམ་སྟོན་དང་སློབ་དོད་ལ་དགོས་གལ་ནམ་བྱུང་མཚམས་བསྐྱར་བཅོས་གནང་རྒྱུ་ལགས།

The above admission guidelines and school charges shall be revised as and when necessary.

ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཕྲུ་གུ་སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་ནང་སློབ་འཇུག་གནང་ཕྱོགས་ཀྱི་བསྐྱར་བཅོས་རྩ་འཛིན་ལམ་སྟོན་འདི་བཞིན་ཕྱི་ལོ་༢༠༢༥ ཟླ་ ༤ ཚེས་ ༡ ནས་ལག་བསྟར་གནང་རྒྱུ།

The revised guidelines for the admission of students from abroad in Sambhota Tibetan Schools shall be effective from 1st April, 2025.

Admission Form

Foreign students admission form is availabe in pdf format. (Revised-2023)

Admission Fee

Fee structure for the foreign students is availabe in pdf format. (Revised-2024)

Undertaking Form

Foreign students undertaking form is availabe in pdf format.